གླུ་ཡག་པ་ཡོད་ན་དེ་རིང་ལོངས།
དགུང་སྔོན་པོའི་དབྱིངས་ཀྱི་གླག་རྒོད་ཚོ། །
དགུང་ནམ་འཕང་སྟོད་ན་དེ་རིང་སྟོད།།
འཇའ་གུར་ཁང་ཕུབ་ན་ཡག་རེ་ལྟོས། །
རླུང་སྤུ་གྲི་ཞོན་ན་སྐྱིད་རེ་ལྟོས། །
(music)
དགུང་སྔོན་པོའི་དབྱིངས་ཀྱི་གླག་རྒོད་ཚོ། །
དགུང་ནམ་འཕང་སྟོད་ན་དེ་རིང་སྟོད།།
འཇའ་གུར་ཁང་ཕུབ་ན་ཡག་རེ་ལྟོས། །
རླུང་སྤུ་གྲི་ཞོན་ན་སྐྱིད་རེ་ལྟོས། །
བྱ་རྒས་ནས །
བྱ་རྒས་ནསགཤོག་སྒྲོ་ལྷུང་དུས་སུ། །
འཕུར་འདོད་ཀྱང་།
འཕུར་འདོད་ཀྱང་སེམས་ཀྱི་འཁྲུལ་སྣང་རེད། །
སྤང་མེ་ཏོག་དཀྱིལ་ཀྱི་རྟ་མཆོག་ཚོ། །
རྒྱུག་གོམ་ལག་ཡོད་ན་དེ་རིང་ངོམས། །
རྩྭ་རྩི་ཏོག་རྒྱས་ན་ཡག་རེ་ལྟོས། །
ལམ་འཕྲེད་ཀྱིས་བཅད་ན་སྐྱིད་རེ་ལྟོས། །
རྟ་རྒས་ནས།
རྟ་རྒས་ནས་སྤུ་མདོག་བརྗེས་དུས་སུ། །
རྒྱུག་འདོད་ཀྱང་།
རྒྱུག་འདོད་ཀྱང་སེམས་ཀྱི་འཁྲུལ་སྣང་རེད། །
རྟ་རྒས་ནས།
རྟ་རྒས་ནས་སྤུ་མདོག་བརྗེས་དུས་སུ། །
རྒྱུག་འདོད་ཀྱང་།
རྒྱུག་འདོད་ཀྱང་སེམས་ཀྱི་འཁྲུལ་སྣང་རེད། །
རྟ་རྒས་ནས།
རྟ་རྒས་ནས་སྤུ་མདོག་བརྗེས་དུས་སུ། །
རྒྱུག་འདོད་ཀྱང་།
རྒྱུག་འདོད་ཀྱང་སེམས་ཀྱི་འཁྲུལ་སྣང་རེད། །
- 专辑:香格里拉
- 歌手:热西·才让旦
- 歌曲:时光